ཨིང་ལིཤ

སྐྱབས་ཆ་འབྲིང་རིམ་སློབ་གྲྭ་བར་མའི་ བཟའ་ཚང་ཡོངས་ཀྱིས་ མགྲིན་དབྱངས་གཅིག་གི་སྒོ་ལས་ མི་དབང་རྒྱལ་བཙུན་མཉམ་གཉིས་ལུ་ བཀྲིས་ལེགས་སྨོན་ཕུལཝ་ཨིན།

king_queen

"ང་བཅས་རའི་རྒྱལ་ཁབ་ཀྱི་རེ་སྨོན་སྒྲུབ་ནི་འདི་ ཁྱེད་ན་གཞོན་ཚུ་གི་ལག་པར་ཨིན” - མི་དབང་འབྲུག་རྒྱལ་བཞི་པ།

"ང་གིས་ མ་འོངས་པའི་སྐོར་ལས་སླབ་ད་ ཁྱེད་ན་གཞོན་ཚུ་གི་སྐོར་ལས་སླབ་ཨིན” - མི་དབང་འབྲུག་རྒྱལ་ལྔ་པ།

འབྲུག་གི་སྤྱི་ནོར་དམ་པ་ ཕམ་ དེ་ལས་གཞུང་གི་ཁ་ཐུག་ལས་ ང་བཅས་ཚུ་གི་ལག་པར་ འགན་ཁུར་སྦོམ་སྦེ་གནང་སྟེ་ཡོད། འདིའི་བརྡ་མཚོན་ཚུ་ཡང་ ང་བཅས་སྐྱབས་ཆ་སློབ་གྲྭའི་བཟའ་ཚང་ཡོངས་ཀྱིས་ ལེགས་ཤོམ་སྦེ་ཧ་གོ་ཞིན་ན་ འགན་ཁུར་འདིའི་དམིགས་ཡུལ་དང་ རེ་དོན་སྒྲུབ་ཐབས་ལུ་ ལཱ་འགན་ཐེབས་ཅིག་རང་འབག་སྟེ་ ལཱ་འབད་དོ་ཟེར་ཞུ་ནི་ཨིན། ང་བཅས་ཀྱི་སློབ་ཕྲུག་ཚུ་ཡང་ སྤྱོད་ལམ་ལས་འབད་རུང་ ཡིད་ཁར་འོང་ཏོག་ཏོ། ལཱ་འགན་ག་བཟུམ་རང་འབག་དགོ་རུང་འབག་ཚུགས་མི། བརྩོན་ཤུགས་ལས་འབད་རུང་ བརྩོན་ཤུགས་ཆེ་དྲག་ རིག་པ་དང་མནོ་རིག་ཚུ་ཡང་མཁས་དྲག་དང་ འགན་ཁུར་ཅན་གྱི་མི་སེར་སྦེ་ བཟོ་ནིའི་ རེ་བ་ཡོད། དེ་མ་ཚད་ན་གཞོན་ཨ་ལོ་ཚུ་གི་རྒྱུད་ལུ་ རྩ་བ་གསུམ་ལུ་ གུས་ཞབས་དང་དགའ་བ་འདི་ཡང་ སྔར་བ་ལྷགཔ་སྦེ་ འབྱུང་ཚུགས་པའི་ རེ་སྨོན་ཡོད། དམིགས་ཡུལ་འདི་སྒྲུབ་ཐབས་ལུ་ ང་བཅས་སྐྱབས་ཆ་བཟའ་ཚང་གི་ཁ་ཐུག་ལས་ ཁ་ཙམ་ཚིག་ཙམ་མ་ཡིན་པར་ ཧིང་དྭངས་པའི་དཀྱིལ་ལས་རང་ ཕྱག་ཕྱིད་གང་དྲག་ཞུ་ནི་ཟེར་བའི་ཁས་བླངས་ཡོད།

གནམ་ལོ་༢༠༡༠འདི་གྲུབ་འབྲས་ཅན་ཅིག་ལུ་འགྱུར་ཚུགསཔ་མ་ཚད་ དུས་ཅི་གནམ་ལོ་༢༠༡༡འདི་ཡང་ ལེགས་ཤོམ་སྦེ་ མཐར་འཁྱོལ་ཐབས་ལུ་ ང་བཅས་རའི་སློབ་ཕྲུག་ཨ་ལོ་ཚུ་དང་ རྩ་བ་གསུམ་གྱི་ཆེད་དུ་ ལོག་སྟེ་རང་ ལྷག་བསམ་རྣམ་དག་གྱིས་སྒོ་ལས་ སྨོན་ལམ་གྱི་མཆོད་པ་ཕུལཝ་ཨིན།